邊壩姑娘
次仁桑珠
邊壩姑娘 歌詞
དཔལ་འབར་བུ་མོ།
ཚིག མྱང་ལྷག་པ་དངོས་གྲུབ།
གདངས། གངས་ཕྲུག་བློ་རྒྱ།
གཞས་པ། ཚེ་རིང་བསམ་གྲུབ།
༡ མཛེས་པའི་མཚོ་གསུམ་འགྲམ་ལ།།
སྟག་མའི་མེ་ཏོག་ལ་བཞད་སོང་།།
དཔལ་འབར་བུ་མོའི་ འཛུམ་ཞལ།།
ཨ་རོགས་སེམས་ལ་ཤར་སོང་།།
ཇ་རྟའི་གནའ་ལམ་སྟེང་ལ།།
རྟ་ཕོས་ཕྱིར་བལྟས་སློག ་གིས།།
དཔལ་འབར་བུ་མོའི་ཕྱོགས་ལ།།
ཨ་རོགས་སེམས་པ་ལུས་སོང་།།
ན་ལ་ཆུང་སེ་རོའོ། ་་་་་་
དཔལ་འབར་ཡུལ་ལུང་སྐྱིད་པ།།
ན་ལ་ཆུང་སེ་རོའོ།་་་་་་
དཔལ་འབར་བུ་ མོ་མཛེས་པ།།
གསེར་གྱི་ཤར་གོང་ལ་དང་།།
དངུལ་གྱི་རྒྱལ་མོ་རྔུལ་ཆུ།།
དཔལ་འབར་བུ་མོའི ་བརྩེ་དུང་།།
ཨ་རོགས་ང་ལ་གནང་རོགས།།
༢ མཛེས་པའི་མཚོ་གསུམ་ནང་ལ།།
སེར་བྱ་ ངང་པ་འབབ་སོང་།།
དཔལ་འབར་བུ་མོའི་བརྩེ་དུང་།།
ཨ་རོགས་ང་ལ་བཅངས་སོང་།།
ཇ་རྟའི ་གནའ་ལམ་སྟེང་ལ།།
རྟ་ཕོའི་རྨིག་རྗེས་ལུས་སོང་།།
དཔལ་འབར་བུ་མོའི་གླུ་སྒྲ།།
ཨ་རོགས་ རྣ་བར་འཇགས་སོང་།
ན་ལ་ཆུང་སེ་རོའོ།་་་་་་
དཔལ་འབར་ཡུལ་ལུང་སྐྱིད་པ།།
ན་ལ ་ཆུང་སེ་རོའོ།་་་་་་
དཔལ་འབར་བུ་མོ་མཛེས་པ།།
གསེར་གྱི་ཤར་གོང་ལ་དང་།།
དངུལ ་གྱི་རྒྱལ་མོ་རྔུལ་ཆུ།།
དཔལ་འབར་བུ་མོའི་བརྩེ་དུང་།།
ཨ་རོགས་ང་ལ་གནང་རོགས།།
ན་ ལ་ཆུང་སེ་རོའོ།་་་་་་
དཔལ་འབར་ཡུལ་ལུང་སྐྱིད་པ།།
ན་ལ་ཆུང་སེ་རོའོ།་་་་་་
དཔལ་འབར་བུ་མོ་མཛེས་པ།།
གསེར་གྱི་ཤར་གོང་ལ་དང་།།
དངུལ་གྱི་རྒྱལ་མོ་རྔུལ་ཆུ།།
དཔལ་འབར་བུ་མོའི་བརྩེ་དུང་།།
ཨ་རོགས་ང་ལ་གནང་རོགས།།
宣發:藝援幫
出品:西藏神奇小子文化傳媒