挤奶歌
欧智卓玛
挤奶歌 歌词
བཞོ་དབྱངས།
ཚིག བློན་ཚང་བསྟན་ཁོ།
དབྱངས། བློ་གསལ།
ལེན་མཁན། དངོས་གྲུབ་སྒྲོལ་མ།
歌词汉语大意:
在那黎明破晓之前
我伫立在牛圈外
唱起我的挤奶歌
在这吉祥的一天到来时
我用牛奶盛满奶桶
向上师顶礼膜拜
在这吉地雪域高原
我们幸福欢乐齐欢聚
共饮这杯吉祥奶茶
འདིའི་ནམ་ལངས་སྐྱ་རེངས་མ་ཤར་གོང་།།
སྨན་བུ་མོ་ང་ཡིས་ལྷས་འདབས་ནས།།
གཡང་འབྲི་མོ་ཁྱེད་ལ་བཞོ་དབྱངས་ལེན།།
ངས་བཞོ་དབྱངས་ལེན་ཡ་བཞོ་དབྱངས་ལེན།།
དགོ་དགོ་ངའི་གཡང་གི་འབྲི་མོ་དགོ་དགོ།
གཟའ་རྒྱུ་སྐར་ས་ལ་བཀྲ་བའི་ཉིན།།
འབྲི་འོ་མས་གཡང་གི་བཞོ་ཟས་བཀང་།།
ལྷ་བླ་མ་དད་པས་མཆོད་གསུམ་འཕེན།།
ངས་བཞོ་དབྱངས་ལེན་ཡ་བཞོ་དབྱངས་ལེན།།
དགོ་དགོ་ངའི་གཡང་གི་འབྲི་མོ་དགོ་དགོ།
ཡུལ་ཁ་བ་ཅན་གྱི་ལུང་པ་ན།།
རྟག་རྟེན་འབྲེལ་གཡང་གི་སྟོ་མོ་འགྲིག།
ཇ་འོ་ཇ་འཐུང་བའི་བསོད་ནམས་འཁོར།།
ངས་བཞོ་དབྱངས་ལེན་ཡ་བཞོ་དབྱངས་ལེན།།
དགོ་དགོ་ངའི་གཡང་གི་འབྲི་མོ་དགོ་དགོ།